སྤྱི་འཐུས་འོས་མི། སྔ་མ།
ཚེ་རིང་མཐར་ཕྱིན།

ཚེ་རིང་མཐར་ཕྱིན།

Tsering Tharchin

འོས་ཁུངས།

ཆོལ་ཁ། - དབུས་གཙང་།

ད་ལྟའི་ལས་གནས།

རང་དབང་ཅན་གྱི་རྒྱ་ནག་ཉམས་ཞིབ་པ། Independent China Analyst

འོས་བསྡུའི་ལོ།

2025-2026

སྐབས།

18

ད་ལྟའི་སྡོད་གནས།

རྡ་ས། Dharamshala

ཕ་ཡུལ།

ལྷོ་ཁ་ལྷོ་བྲག Lhokha Lhodrak

ལོ་རྒྱུས་ཆ་ཚང་།

ཤེས་ཡོན་རྒྱབ་ལྗོངས། བོད་དུ་སྐྱེས་ཞིང་འཛིན་རིམ་ ༦ བར་བོད་ནང་སློབ་གྲར་སྐྱོད་པ་དང་། ༢༠༠༢ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ཞིང་སུ་ཇ་བོད་ཁྱིམ་སློབ་གྲ་ནས་འཛིན་རིམ་བཅུ་པ་བར་དང་། གྷོ་པལ་པུར་བོད་ཁྱིམ་ནས་འཛིན་རིམ་བཅུ་གཅིག་བཅུ་གཉིས། ༢༠༡༠ ནས་ ༢༠༡༣ བར་ལྡི་ལི་མཐོ་སློབ་ནས་དབྱིན་ཡིག་ཐོག་ཉེ་བའི་གཙུག་ལགས་རབ་བྱམས་ (BA English honours) དང། ༢༠༡༤ - ༢༠༡༩ བར་ཇོ་ཧར་ལར་ནེ་རུ་གཙུག་ལག་སློབ་གཉེར་ཁང་(Jawaharlal Nehru University) ནས་རྒྱའི་སྐད་ཡིག་དང་རྒྱ་ནག་གི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ།་(BA&MA Chinese language and China Studies)། དེ་རྗེས་ཐེ་ལྦན National Chengchi University དང་ National Taiwan Normal University གཉིས་སུ་ཁྱོན་ལོ་བཞི་མ་ཟིན་ཙམ་ཞིག་རྒྱ་ཡིག་དང་རྒྱ་ནག་གི་ཆབ་སྲིད་སོགས་ཀྱི་རིག་གནས་ཐོག་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ་མདོར་ན་བོད་རྒྱ་དབྱིན་གསུམ་ལ་ཚད་དང་ལྡན་པའི་ཉམས་ཞིབ་པ་ཞིག་ཡིན་ཞུ་ཆོག། ལས་ཀ་དང་འགོ་འཁྲིད་ཀྱི་ཉམས་མྱོང་། ཐོག་མར་སུ་ཇ་བོད་ཁྱིམ་དུ་ཉལ་ཁང་དང་འཛིན་གྲའི་འགན་བདག་ནས་འགོ་འཛུགས་ཀྱིས་རིམ་པས་ཁང་ཚན་དང་སློབ་གྲའི་སྤྱི་ཁྱབ་རྒན་བདག་སོགས་སུ་འདེམས་ཐོན་བྱུང་ཏེ་མདོར་ན་སུ་ཇ་བོད་ཁྱིམ་དུ་ལོ་དྲུག་གི་སློབ་སྦྱོང་རྒྱུད་རིམ་ནང་ལོ་ལྔ་ལ་སྤྱི་པའི་འགན་ཁུར་ཞུས་ཡོད། དེ་ནས་གོ་པལ་པུར་བོད་ཁྱིམ་དུ་ཡང་སློབ་གྲའི་སྤྱི་ཁྱབ་རྒན་བདག་ཏུ་འདེམས་ཐོན་བྱུང་ཏེ་ལས་དོན་ཁག་ཚག་ཚུད་སྒྲུབ། ལྡི་ལི་མཐོ་སློབ་ཀྱི་ལོ་གསུམ་རིང་ཐོག་མར་རོ་ཧི་ནི་ (Rohini) ས་གནས་གཞོན་ནུའི་ཚོགས་མི་ནས་འགོ་འཛུགས་ཀྱིས་རིམ་པས་རྒྱུན་ལས་སུ་འདེམ་ཐོན་གྱིས་རིག་གཞུང་དྲུང་ཆེ་དང་ཚོགས་གཙོ་སོགས་ཀྱི་ལས་འཁུར་ཞུས་། དེ་བཞིན་ ༢༠༡༢ ལོར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པར་འདེམས་ཐོན་གྱིས་ཚོགས་ཆེན་གོ་སྒྲིག་པའི་ལས་འགན་གཙོ་བོ་ཁྱེར། ཇོ་ཧར་ལར་ནེ་རུ་གཙུག་ལག་སློབ་གཉེར་ཁང་(JNU) ཁང་དུ་བོད་རིགས་སློབ་ཕྲུགས་མཐུན་ཚོགས་ (JNU Tibet Forum) ཡི་རྒྱུན་ལས་དང་སློབ་ཡོན་རོགས་སྐྱོར་ཚན་པའི་རྒྱུན་ལས། ལྷག་པར་དུ་ ༢༠༡༦ - ༢༠༡༧ བར་ཇོ་ཧར་ལར་ནེ་རུ་གཙུག་ལག་སློབ་གཉེར་ཁང་རྒྱལ་སྤྱིའི་སློབ་ཕྲུག་མཐུན་ཚོགས་ (JNU International Students’ Association) ཀྱི་ཚོགས་གཙོར་བོད་པ་ཞིག་ཐེངས་དང་པོར་འདེམས་བྱུང་ཏེ་ལས་རྒྱུན་རིང་རྒྱལ་སྤྱིའི་སློབ་མའི་ཁྲོད་བོད་ཀྱི་དར་ཆ་མཐོན་པོར་བསྒྲེང་ཐུབ་པ་བྱུང་། ལོ་དེ་དག་རིང་སློབ་སྦྱོང་ལ་ཐུས་ཤོར་མེད་པའི་ཐོག་ནས་རྒྱ་གར་གཞུང་གི་རླུང་འཕྲིན་ཁང་ All India Radio་དུ་ཡིག་སྒྱུར་དང་གསར་འགྱུར་སྙན་སྒྲོན་པའི་ལས་ཀ་བྱས། དེ་བཞིན་ ༢༠༡༧ - ༢༠༡༩ བར་ལྡི་ལིར་ཡོད་པའི་རྒྱ་ནག་ཉམ་ཞིབ་ཁང་Centre for China Analysis and Strategy (CCAS) དུ་ཉམ་གསོག་རྒྱ་ནག་ཞིབ་འཇུག་པའི་ལས་ཀ་བྱས་ཡོད་། ཐེ་ལྦན་དུ་སློབ་སྦྱོང་རིང་ཡིག་ཆས་རྐྱེན་པས་འགན་འཁུར་རིགས་ཞུ་ཐབས་མེད་ཀྱང་ལོ་དེ་དག་རིང་བོད་དོན་ལས་འགུལ་རིགས་ལ་གཅིག་ཀྱང་ཆད་ལུས་མེད་པར་མཉམ་བཞུགས་ཙམ་མ་ཟད་རྒྱ་མི་རིགས་གཙོས་པའི་རྒྱལ་ཁབ་གཞན་གྱི་མི་རིགས་ཁྲོད་དུ་བོད་དོན་དྲིལ་བསྒྲགས་ཧུར་ཐག་ཞུས་ཡོད། ༢༠༢༣ ལོ་འགོར་སློབ་སྦྱོང་ཁག་ལེགས་པར་སྒྲུབས་རྗེས་ཕྱིར་རྒྱ་གར་དུ་ལོག་ནས་ལྡི་ལིར་ཡོད་པའི་རྒྱ་ནག་ཉམ་ཞིབ་ཁང་ Centre for China Analysis and Strategy (CCAS) དུ་རྒྱ་ནག་ཉམ་ཞིབ་པའི་ལས་ཁུར་ཞུས་། ༢༠༢༤ ནས་རང་དབང་ཅན་གྱི་རྒྱ་ནག་ཉམ་ཞིབ་པའི་ལས་ཀ་བྱེད་མུས་དང་ལས་ཀ་དང་མཉམ་དུ་བོད་དོན་ཐབས་རྩོད་ཀྱི་ཁུར་བུ་དང་དུ་ལེན་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ (Voluntary Tibet Advocacy Group) ནང་རང་ཉིད་ཚོགས་མི་དཀྱུས་མར་བསྡད་ནས་གཞོན་སྐྱེས་ཚོར་འགོ་འཁྲིད་ཀྱི་འགན་ཁུར་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་ཧུར་ཐག་ཞུས། གཞུ་གཏུགས་ལས་འགུལ་ཁག་ལ་འགན་ཁུར་གཙོ་ལེན་ཞུས་པ་དང་བར་རྒལ་དུ་ལྡི་ལི་ས་གནས་ཀྱི་མཁྲེལ་མཐུད་པའི་ལས་འགན་ཡང་ཞུས་ཡོད། ལྷག་པར་འདི་ལོ་ ༢༠༢༥ ལོར་ཇོ་ཧར་ལར་ནེ་རུ་གཙུག་ལག་སློབ་གཉེར་ཁང་(JNU)བོད་རིགས་སློབ་ཕྲུགས་མཐུན་ཚོགས་ (JNU Tibet Forum) ཡིས་ ༢༠༡༤ ལོར་འགོ་འཛུགས་བྱས་པའི་མཁས་དབང་སློབ་དཔོན་ཟླ་བ་ནོར་བུ་རྗེས་དྲན་གྱི་བོད་དོན་འགྲོ་གླེང་ཚོགས་འདུ་ (Professor Dawa Norbu Memorial Symposium) དེ་ ༢༠༢༠ ལོ་ནས་བར་ཆད་པ་དེ་སླར་གསོའི་ཆེད་སློབ་ཟུར་ཚོས་རྒྱབ་སྐྱོར་ཐོག་ནས་གོ་སྒྲིག་ཞུ་བའི་ལས་འགན་གཙོ་བོ་ཁྱེར་ནས་འདི་ལོ་སྤྱི་ཟླ་ ༩ ནང་རྒྱལ་ས་ལྡི་ལིར་མཁས་པ་དང་གཞུང་གི་གནད་ཡོད་མི་སྣ། ཉམ་ཞིབ་པ་དང་སློབ་ཕྲུགས་སོགས་མི་གྲངས་བརྒྱ་ཡན་མཉམ་བཞུགས་ཐོག་རྒྱལ་ཁའི་ངང་ཚོགས་ཐུབ་པ་བྱུང་ཡོད། དེ་བཞིན་ ༧རྒྱལ་དབང་དགུང་གྲངས་དགུ་བཅུར་བཞེས་པའི་སྐལ་བཟང་གི་གོ་སྐབས་འདིར་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་རྣམས་ནས་མགོན་པོ་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་གྱི་གོ་སྒྲིག་ཚོགས་མི་དང་ན་གཞོན་དུས་སྟོན་གྱི་གོ་སྒྲིག་ཚོགས་ཆུང་ནང་ལས་འགན་ཐུས་ཤོར་མེད་པར་སྒྲུབ། ད་ལྟའི་ཆར་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེའི་འགན་ཁུར་མུས་བཅས་ཡིན།

འོས་མི་ཡོངས་ལ་ལོག