Lhalung Gyal Lamatsang
འོས་ཁུངས།
ཆོལ་ཁ། - མདོ་སྨད།
ད་ལྟའི་ལས་གནས།
ཉམས་ཞིབ་པ། Researcher
འོས་བསྡུའི་ལོ།
2025-2026
སྐབས།
18
ད་ལྟའི་སྡོད་གནས།
ནོར་གླིང་། Norling
ཕ་ཡུལ།
རེབ་གོང་། Rebgong
བོད་ནས་སློབ་ཆེན་བར་ལ་སློབ་སྦྱོང་བྱས་ཤིང་། ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། རྒྱ་གར་ལ་འབྱོར་བ་དང་། ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཅིག་མ་ཟིན་ཙམ་གྱི་སློབ་ཞུགས་བྱས་རྗེས། ནོར་གླིང་མཐོ་སློབ་ནས་བསླབ་པ་མཐར་སོན་བར་གྱི་སློབ་གཉེར་བྱས། ཕྱི་ལོ་ ༢༠༠༣ གྱི་ལོ་མཇུག་ནས་ནོར་བུ་གླིང་གར་རིག་གཞུང་ཉམས་ཞིབ་པ་དང་། ཉམས་ཞིབ་དང་མཐོ་སློབ་དགེ་རྒན་གཅིག་ལྕོགས། ཁེ་གཙང་སློབ་དགེ་བཅས་ཀྱི་ལས་སྒོར་སྔ་ཕྱིར་ཞུགས། ཕྱི་ལོ་ ༢༠༡༣ ནས་དཔལ་དགའ་ལྡན་ཕོ་བྲང་བ་ཆེན་པོའི་བཀའ་འབྲེལ་ལྟར། མདོ་སྨད་ལོ་རྒྱུས་ཞིབ་འཇུག་འབྲི་རྩོམ་གྱི་ལས་གཞི་བླངས། ཕྱི་ལོ་ ༢༠༠༡ ནས་ཡུལ་མིར་མཉམ་འབྲེལ་སྒོས་ཧི་མ་ལ་ཡའི་རིག་གཞུང་རྒྱུན་འཛིན་གྱི་དམིགས་སྒོར། ནང་བསྟན་རམ་འདེགས་ཚོགས་པ་བཙུགས་ཏེ། ད་བར་ཚོགས་པ་འཛིན་སྐྱོང་གི་རྐང་འཛིན་མི་སྣའི་གྲས་ཡིན། ཕྱི་ལོ་ ༢༠༢༥ ལོར་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས། དབུས་འོས་བསྡུ་ལྷན་ཁང་གི་འོས་བསྡུའི་འགན་འཛིན་གྱི་འོས་མིར་མཚམས་སྦྱོར་ལྟར། ད་ལྟའི་ལས་ཐོག་འགན་འཛིན་གྱི་འགྲན་ཡའི་འོས་མིར་གྱུར།