Penpa Tsering Ngoche
འོས་ཁུངས།
ཆོལ་ཁ། - མདོ་སྟོད།
ད་ལྟའི་ལས་གནས།
ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་སྤྱི་ཁྱབ་དྲུང་ཆེ། General Secretary of Central Welfare Society of Nangchen Nyernga
འོས་བསྡུའི་ལོ།
2025-2026
སྐབས།
18
ད་ལྟའི་སྡོད་གནས།
རྡ་ས། Dharamshala
ཕ་ཡུལ།
ནང་ཆེན། Nangchen
➤ ཕྱི་ལོ་ ༢༠༠༠ ལོར་བོད་གངས་ཅན་ལྗོངས་ནས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་འབྱོར་ཞིང་རང་ཅག་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་བོད་ཀྱི་བླ་ན་ མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང༌། ལྷག་པར་དུ་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་བཅས་ཀྱི་བཀའ་དྲིན་དང་བྱམས་སྐྱོང་ལ་བརྟེན་ནས་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་དུ་མ་སུ་རི་བོད་ཁྱིམ་སློབ་གྲྭ་ལ་སློབ་གཉེར་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ། ➤ ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོ་སོ་སོར་ལོ་གཉིས་རིང་མ་སུ་རི་བོད་ཁྱིམ་སློབ་ གྲྭའི་རྒན་བདག་གི་འགན་འཁུར་ཞུས་པ་དང༌། དེ་གའི་བོད་ཁྱིམ་སློབ་གྲྭའི་ཁོར་ཡུག་ཚོགས་པའི་ཚོགས་མི། དེ་རྗེས་ཅན་དི་སྒར་གཙུག་ལག་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་གནས་ལ་སློབ་གཉེར་བྱས་ཏེ་གཙུག་ལག་རབ་འབྱམས་པའི་སློབ་མཐར་ ཕྱིན་པ་དང༌། ཕྱི་ལོ་ ༢༠༡༡ ལོར་ཅན་དི་སྒར་ལ་ཡོད་པའི་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་འགན་ཁུར་ཞུས་ཤིང༌། ལྷག་པར་ དུ་ལོ་དེར་བོད་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཉིན་རེ་བཞིན་སྐུ་ལུས་མེ་ མཆོད་གནང་མཁན་ཇེ་མང་དུ་སོང་ཏེ། བོད་ནང་ཛ་དྲག་གི་གནས་སྟངས་ཆེ་རུ་ཕྱིན་ པར་བརྟེན། ཅན་དི་སྒར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ ཅན་དི་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་རྐང་འཁོར་སྐོར་བསྐྱོད་ ཆེན་མོའི་ལས་འགུལ་ཞིག་འགོ་འཛུགས་ཀྱིས་གསུམ་བཅུའི་སྒེར་ལངས་དུས་དྲན་ ཐེངས་ ༥༡ པའི་ལས་འགུལ་དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་ནག་གི་གཞུང་ཚབ་ ཁང་མདུན་དུ་མཇུག་སྒྲིལ་ཞུས། སྐབས་དེའི་ལས་འགུལ་གྱི་འགན་འཁུར་གཙོ་བོ་ཞུ་ རྒྱུའི་གོ་སྐབས་བྱུང༌། ➤ ཕྱི་ལོ་ ༢༠༡༢ ནས་ ༢༠༡༤ བར་ལ་ཅན་དྷི་སྒར་མཐོ་སློབ་ཏུ་བསྐྱོད་དེ་སློབ་ སྦྱོང་བྱེད་པའི་དུས་སྐབས་སུ་རང་འཁྲིའི་སློབ་སྦྱོང་ཙམ་མིན་པར། བོད་དོན་ཐད་མིང་ དོན་མཚུངས་པའི་བོད་མི་ཞིག་གིས་སྒྲུབ་འོས་པའི་ལས་དོན་མཐའ་དག་ལ་འབད་ བརྩོན་ཧུར་བསྐྱེད་ཀྱིས། བཙན་བྱོལ་ནང་ལ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཅན་ངྒི་སྒར་ས་གནས་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཡུན་ལོ་ངོ་གཉིས་རིང་ཞུས་ནས་ ས་གནས་ཀྱི་གནས་བབས་ལ་གཞིགས་པའི་འཐབ་རྩོད་གྱི་རྒྱུད་རིམ་ལ་ནུས་པ་གང་ ཐུབ་སྤུངས་ཡོད། དེ་བཞིན་མཐོ་སློབ་ཏུ་བསྐྱོད་སྐབས་སུ་ལས་གནས་གཅིག་ལྕོགས་ ཀྱི་ཐོག་ལ་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གཞོན་པའི་ལས་འགན་ལོ་ངོ་གཅིག་རིང་བྱས། དེ་བཞིན་ཟུང་དྲུང་ཡང་ལོ་ངོ་གཅིག་རིང་བྱེད་སྐབས་སུ་ཚོགས་པའི་ངོ་བོ་དང་མཐུན་པའི་ལས་དོན་སྤེལ་ཡོད། ➤ བོད་རྒྱལ་ལོ་ ༢༡༤༣ ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༣ ཉིན་བོད་ཀྱི་གཞོན་ནུ་ ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ ཁྱབ་དབུས་རྒྱུན་ལས་སྐབས་༡༦པའི་སྒྲིག་འཛུགས་འགན་འཛིན་གྱི་ལས་གནས་སུ་ འདེམས་ཐོན་བྱུང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༧ བར་ལོ་ངོ་གསུམ་རིང་ལ་ལས་དོན་མཐའ་དག་འཐུས་གཙང་ཞུས། ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་ གཞོན་ནུ་ལྷན་ཚོགས་དང༌། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་མཉམ་འབྲེལ་ གྱི་གོ་སྒྲིག་འོག་དུས་ཡུན་ལོ་ངོ་ ༣༠ རིང་རྒྱ་དམར་གྱི་བཙན་བཟུང་འོག་ལ་ཡོད་པའི་ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་ གྲོལ་དགོས་པའི་དགོས་འདུན་དང༌། ཆུང་སྲིད་ཁོང་གི་གནས་བབས་རྒྱ་གར་དང་རྒྱལ་ སྤྱིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་ཡོང་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་ ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་གྱི་རིང་བཞུགས་སྒར་རྡ་ རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་འགན་འཁུར་གཙོ་ཞུས་ཀྱིས་ལས་འགུལ་གོ་སྒྲིག་ཞུས། དེ་ལྟར་རང་ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བབས་ལྷིང་བརྟན་གསུམ་གྱིས་ གཞོན་ལྷན་དབུས་ས་གཉིས་ལ་ལོ་ངོ་ཧྲིལ་པོ་ ༡༠ ཙམ་རིང་ལས་དོན་ཆེ་ཕྲ་ཆུང་གསུམ་ མང་དག་ཅིག་ལ་མཉམ་ཞུགས་དང་འགན་འཁུར་གོ་སྒྲིག་ཞུས་ཡོད་ལ། སྐབས་དེ་དག་གི་རིང་གཞོན་ལྷན་གྱི་ལས་འཆར་བརྒྱུད་ནས་ཕྱི་ནང་གི་རྒྱལ་ཁབ་ཁག་འདྲ་མིན་ནང་ རང་འཁྲིའི་བོད་དོན་དྲིལ་བསྒྲགས་དང༌། རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཚོགས་འདུ་ དུ་མར་ཚོགས་བཅར་གྱིས་སྐབས་འབྲེལ་ཚོགས་སྡེ་ཁག་ལ་བོད་ཀྱི་གཞོན་ནུ་ལྷན་ ཚོགས་ཀྱི་སྒྲིག་འཛུགས་ངོ་སྤྲོད་དང༌། བོད་དོན་འཐབ་རྩོད་བྱེད་ཕྱོགས། གཞན་ཡང་ བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། འདས་པའི་ལོ་རྒྱུས་ནང་བོད་དེ་རང་བཙན་ གྱི་རྒྱལ་ཁབ་ཅིག་ཡིན་པ་བཅས་ཀྱི་གོ་རྟོགས་དང་དྲིལ་བསྒྲགས་གང་ཐུབ་ཞུས་ཡོད། ➤ སླར་ཡང་བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༦ ཉིན་བོད་ཀྱི་ གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་སྐབས་ ༡༧ པའི་སྒྲིག་འཛུགས་འགན་འཛིན་དང་ ཕྱི་དྲིལ་འགན་འཛིན་གཅིག་ལྕོགས་ཀྱི་ལས་གནས་སུ་འདེམས་ཐོན་བྱུང་ནས་སྐབས་བབས་ཀྱི་ལས་དོན་ལོ་གསུམ་རིང་ལ་ལས་དོན་མཐའ་དག་འཐུས་གཙང་ཞུས་བཅས་ངོ་སྤྲོད་སྙིང་བསྡུས་སུ།