སྤྱི་འཐུས་འོས་མི། སྔ་མ།
ཨོ་རྒྱན་སྐྱབས།

ཨོ་རྒྱན་སྐྱབས།

Ogyen Kyab

འོས་ཁུངས།

ཆོལ་ཁ། - མདོ་སྨད།

ད་ལྟའི་ལས་གནས།

སྒེར་བདག་ཚོང་ཚོགས་ནང་གན་རྒྱའི་སྡེ་ཚན་འགན་འཛིན། Contract Manager in the corporate Sector

འོས་བསྡུའི་ལོ།

2025-2026

སྐབས།

18

ད་ལྟའི་སྡོད་གནས།

རྡ་ས། Dharamshala

ཕ་ཡུལ།

དཔའ་རིས། Pari

ལོ་རྒྱུས་ཆ་ཚང་།

ཨོ་རྒྱན་སྐྱབས་ལགས་ནི་ཕྱི་ལོ་ ༡༩༨༤ ལོར་བོད་མདོ་སྨད་དཔའ་རིས་སུ་སྐྱེས་ཏེ། ལོ་རིམ་བདུན་པ་བར་བོད་ནང་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་སུ་ཇ་བོད་ཕྲུག་ཁྱིམ་སྡེར་ (༡༩༩༧-༢༠༠༢) ལོའི་བར་དང་། གོ་པལ་པུར་སློབ་གྲྭར་(༢༠༠༣-༢༠༠༥) ལོའི་བར་བཅས་སུ་སློབ་གཉེར་གནང་སྐབས། སློབ་གྲྭའི་ཡིག་རྒྱུགས་ཡོངས་རྫོགས་ལ་ཨང་དང་པོ་བླངས་ཏེ་སློབ་སྦྱོང་གི་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས། ཤེས་ཡོན་སློབ་གཉེར་དང་སློབ་སྦྱོང་གྲུབ་འབྲས། ➤ རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཁྲོད་ཚན་རིག་ལ་བོད་པའི་སློབ་གྲྭ་ཁག་ཡོངས་རྫོགས་ལས་ཨང་དང་པོ་བླངས། ➤ རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་སློབ་ཚན་ཚང་མར་བོད་པའི་སློབ་གྲྭ་ཁག་ཡོངས་རྫོགས་ལས་ཨང་དང་པོ་བླངས་ཏེ་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་སློབ་སྦྱོང་གི་གྲུབ་འབྲས་མཐོ་ཤོས་ཀྱི་ཟིན་ཐོ་བསྐྲུན། དེའི་ཕྱིར་ཁོང་ལ་མཚན་སྙན་འབར་བའི་**དགའ་ལྡན་ཕོ་བྲང་སློབ་མའི་གཟེངས་རྟགས་**ཐོབ་པ་རེད། ➤ གཞི་རིམ་སློབ་གྲྭའི་སྐབས་སློབ་གྲྭའི་དུས་དེབ་དང་རྩོམ་དེབ་གཞན་མང་པོའི་རྩོམ་སྒྲིག་པའི་ཕྱག་ལས་གནང་སྟེ་གྲུབ་འབྲས་གཟེངས་སུ་མཐོན་པ་བླངས་ཤིང་ཁོང་གི་རྩོམ་ཡིག་མང་པོར་བྱ་དགའ་ཐོབ།   མཐོ་རིམ་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་། ➤ ཨོ་རྒྱན་སྐྱབས་ལགས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་གྱི་སྙན་གྲགས་ཆེ་བའི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་འོག་གི་སེནཊ་སི་ཊི་ཕེན་མཐོ་རིམ་སློབ་གཉེར་ཁང་ (St. Stephen’s College) ནས་ཉེ་བའི་གཙུག་ལག་རབ་འབྱམས་ (Bachelor’s degree) པའི་ཕྱག་འཁྱེར་བླངས། ➤ ཕྱི་ལོ་ ༢༠༡༣ ལོར་ལས་ཀའི་ཞོར་དུ་ཨིན་ངྷི་ར་གཱན་དྷི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་ (IGNOU) ནས་གཙུག་ལག་རབ་འབྱམས་ (Master’s degree) པའི་ཕྱག་འཁྱེར་བླངས། ➤ ཕྱི་ལོ་ ༢༠༠༨ ལོ་ནས་རྒྱལ་སྤྱི་རང་བཞིན་གྱི་དབྱིན་ཇི་དང་ཨ་རིའི་སྒེར་གཉེར་བཟོ་ཚོང་ཆེ་གྲས་དག་གི་ནང་ཕྱག་ལས་གནང་མགོ་བརྩམས། སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ཞལ་འདེབས། ཕྱི་ལོ་ ༢༠༡༦ ལོར་དྷ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ནང་བོད་མིའི་ཁྱད་ལས་དང་བླངས་ལས་གཞི་ (Tibet Corp) ཞེས་པར་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་དང་བླངས་ཀྱི་ཕྱག་ལས་གནང་སྟེ་སྤྱི་འཐུས་ལྷན་ཚོགས་ཀྱི་གལ་ཆེའི་ཡིག་ཆ་ཁག་དབྱིན་ཡིག་ཏུ་ཕབ་བསྒྱུར་ཞུས་པ་ཁག་ཅིག་གཤམ་གསལ། ➤ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དབྱིན་ཡིག་ཏུ་བསྒྱུར། ➤ བོད་མིའི་རང་ལུས་མེར་བསྲེགས་སྐོར་གྱི་དཔེ་དེབ་དབྱིན་ཡིག་ཏུ་བསྒྱུར། ➤ གཞན་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་ནང་ཡོད་པའི་གཞུང་འབྲེལ་ཡིག་ཆ་གལ་ཆེན་ཁག་ཕན་ཚུན་ཕབ་བསྒྱུར་མཁོ་སྒྲུབ་ཞུས། ཁོང་གི་ངོ་སྤྲོད་དང་། ཆ་རྐྱེན། འཆར་གཞི། དེ་བཞིན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་སོགས་ཀྱི་གཏམ་བཤད་གཤམ་གྱི་གྲྭ་ཐག་བརྒྱུད་ YouTube ཐོག་གཟིགས་ཐུབ། https://www.youtube.com/@ogyenkyab

འོས་མི་ཡོངས་ལ་ལོག