སྤྱི་འཐུས་འོས་མི། སྔ་མ།
བསྟན་འཛིན་དཔལ་མོ་དོན་གྲུབ།

བསྟན་འཛིན་དཔལ་མོ་དོན་གྲུབ།

Tenzin Pelmo Thondup

འོས་ཁུངས།

ཆོལ་ཁ། - མདོ་སྨད།

ད་ལྟའི་ལས་གནས།

ཚོང་ལས། Business

འོས་བསྡུའི་ལོ།

2025-2026

སྐབས།

18

ད་ལྟའི་སྡོད་གནས།

རྡོར་གླིང་། Darjeeling

ཕ་ཡུལ།

ཟི་ལིང་། Siling

ལོ་རྒྱུས་ཆ་ཚང་།

➤ མིང་དང་ཁྱད་མིང་། བསྟན་འཛིན་དཔལ་མོ། བསྟན་འཛིན་དཔལ་མོ་དོན་གྲུབ། ➤ སྐྱེས་ལོ་སྐྱེས་ཚེས། ཕྱི་ལོ་ ༡༩༨༣ ཟླ ༨ ཚེས་ ༣༡ ཉིན་བཙན་བྱོལ་ནང་སྐྱེས་ཤིང་རྡོ་རྗེ་གླིང་ནས་འཚར་ལོངས་བྱུང་། ➤ སློབ་སྦྱོང་གི་བརྒྱུད་རིམ་དང་ཤེས་ཚད། ➤ གཞི་རིམ་འོག་མ་རྡོར་གླིང་བྷེ་ཐ་ནཱི་ (Bethany) དབྱིན་སློབ་ནས་སློབ་མཐར་ཕྱིན། ➤ གཞི་རིམ་བར་མ་རྡོར་གླིང་ལོ་རེ་ཊོ་ (Loreto Convent, Darjeeling) དབྱིན་སློབ་ནས་སློབ་མཐར་ཕྱིན། ➤ གཞི་རིམ་གོང་མ་རྡོར་གླིང་མཱོན་ཊི་ (Mt. Hermon School, Darjeeling) དབྱིན་སློབ་ནས་སློབ་མཐར་ཕྱིན། ➤ མཐོ་རིམ་སློབ་གྲྭ་ Lady Shree Ram College, Delhi University ནས་ཆབ་སྲིད་རིག་པའི་ཐོག་སློབ་མཐར་ཕྱིན། ➤ ལས་ཀའི་ཉམས་མྱོང་། ཨེ་ཤ་ཡའི་མི་རིགས་འབར་མ་དང་། སེ་རི་ཡ། པ་ལི་སི་ཐན། ཨ་ཧྤུ་གྷ་ནི་སི་ཐན་སོགས་ལུང་བ་འདྲ་མིན་ནས་ཆབ་སྲིད་དཀའ་ངལ་ལ་བརྟེན་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བ་ཚོའི་ཆེད་དུ་ལྡི་ལིར་ལོ་བཅུ་གཅིག་ཙམ་རིང་ལས་དོན་བསྒྲུབས། དེའི་རྗེས་རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭའི་འཛིན་སྐྱོང་ལས་དོན་ལོ་བཅུ་ལྷག་ལ་བསྒྲུབས། ཞོར་དུ་༸གོང་ས་༸རྒྱལ་དབང་བཅུ་གསུམ་པ་མཆོག་མན་ཇུའི་བྱེད་བབ་ལ་བརྟེན་རྒྱ་གར་རྡོར་གླིང་དུ་བཞུགས་སྐབས་ཀྱི་ལོ་རྒྱུས་གནས་ཚུལ་རྣམས་ལ་ཉམས་ཞིབ་བགྱིས་ཏེ། དེའི་སྐོར་ལ་འགྲེམས་སྟོན་ཁང་ཞིག་དང་། དེ་མཚུངས་དཔེ་མཛོད་ཁང་ཞིག་ཀྱང་རང་འཚོ་བཟོ་གྲྭར་གསར་འཛུགས་བགྱིས་ཏེ། དཔེ་མཛོད་ཁང་ནང་གི་སྦྱར་རིས་སོགས་ཀྱིས་སྔ་མོར་བོད་ཁམས་དེ་བཞིན་རང་དབང་རང་བཙན་གྱི་ཡུལ་ལུང་ཞིག་ཡིན་པའི་རྣམ་པ་སྒོ་དུ་མ་ནས་མཚོན་ཐབས་བརྒྱུད་བོད་དོན་དྲིལ་བསྒྲགས་དང་། ནམ་དུས་བཞི་ཆར་སྔོ་ལྗང་ལྡན་པའི་ཚལ་ཞིང་འདེབས་ལས་ཆོག་པའི་ལས་གཞི་བརྩམས་པ་སོགས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ། །

འོས་མི་ཡོངས་ལ་ལོག