སྤྱི་འཐུས་འོས་མི། སྔ་མ།
བསྟན་འཛིན་འཇིགས་མེད།

བསྟན་འཛིན་འཇིགས་མེད།

Tenzin Jigme

འོས་ཁུངས།

ལྷོ་བྱང་ཨ་རི།

ད་ལྟའི་ལས་གནས།

སྤྱི་འཐུས་ལས་ཐོག

འོས་བསྡུའི་ལོ།

2025-2026

སྐབས།

18

ད་ལྟའི་སྡོད་གནས།

ཨ་རི།

ཕ་ཡུལ།

གཉའ་ནང་།

ལོ་རྒྱུས་ཆ་ཚང་།

བསྟན་འཛིན་འཇིགས་མེད་ནི། ལྷོ་བྱང་ཨ་རིའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཤིག་ཡིན་ལ། ཁོང་ནི་རྒྱལ་གཅེས་པ་ཞིག་ཡིན་ཞིང་ད་ལྟའི་བར་མི་ལོ་ཉེར་ལྔ་ལྷག་བོད་ཀྱི་རང་དབང་བསྐྱར་གསོ་དང་བོད་མིའི་ཆིག་བསྒྲིལ་གྱི་ནུས་ཤུགས་གོང་འཕེལ་གྱི་ལས་འགུལ་སྣ་མང་ནང་སྣེ་འཁྲིད་དང་མཉམ་ཞུགས་བྱས་ཡོད། ཁོང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་ཐེངས་གཉིས་བསྟུད་མར་༼༢༠༡༣-༢༠༡༩༽དང་། དེའི་སྔོན་མི་ནི་སོ་ཊའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་ལས་འགན་༼༢༠༠༩-༢༠༡༣༽དང་ཕྱི་ལོ་༢༠༠༦ ལོར་ཁོ་ལོ་ར་ཌོའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འགན་བཅས་བསྒྲུབས་ཡོད། ཁོང་ཁོ་ལོ་ར་ཌོའི་མཐོ་སློབ་ཏུ་འགྲིམས་པའི་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་གསར་བཙུགས་དང་ཕྱིས་སུ་ཁོ་ལོ་ར་ཌོའི་བོད་ཀྱི་གྲོགས་པོའི་དབུ་འཛིན་གྱི་ལས་འགན་འཁྱེར་བའི་ཐོག་ཨ་རི་ནང་བོད་ལ་རྒྱབ་སྐྱོར་འཚོལ་རྒྱུ་དང་བོད་ཀྱི་གནད་དོན་སྔར་ལྷག་ཤུགས་ཆེར་གཏོང་ཐབས་ཀྱི་ལས་འགུལ་སྣ་མང་ནང་ཆ་ཤས་དང་སྣེ་འཁྲིད་བྱས། ཁོང་ནི་མི་ནི་སོ་ཊའི་གཙུག་ལག་མཐོ་སློབ་ནས་སྤྱི་ཚོགས་བྱ་བཞག་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་ཡོད་པ་དང། དེའི་རྫེས་མི་ནི་སོ་ཊ་མངའ་སྡེའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ནང་རྟོག་ཞིབ་པའི་ཕྱག་ལས་ནང་ཡོད། ཕྱི་ལོ་ ༢༠༢༠-༢༠༢༡ ལོའི་སྙན་གྲགས་ཅན་གྱི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་ཡོན་ཐོབ་མཁན་གྱི་གྲས་ཞིག་ཀྱང་རེད། མདོར་ན་ད་བར་གྱི་མི་ཚེའི་འགྲུལ་བཞུད་ནི་བོད་དང་བོད་མིའི་བདེ་སྡུག་ཐད་འགྱུར་བ་མེད་པའི་ལྷག་བསམ་གྱི་ཀུན་ནས་བསླངས་སྟེ་ཞབས་ཞུ་དང་། ཆིག་བསྒྲིལ། སྣེ་འཁྲིད། དྲང་བདེན་ལ་ཆོད་སེམས་བརྟན་པོས་མདུན་སྤོས་བྱས་དང་བྱ་མུས་ཡིན།།

འོས་མི་ཡོངས་ལ་ལོག