སྤྱི་འཐུས་འོས་མི། སྔ་མ།
བ་ར་ཚེ་དབང་བཀྲ་ཤིས།

བ་ར་ཚེ་དབང་བཀྲ་ཤིས།

Tsewang Tashi Bara

འོས་ཁུངས།

ཆོས་བརྒྱུད། - བོན།

ད་ལྟའི་ལས་གནས།

18

འོས་བསྡུའི་ལོ།

2025-2026

སྐབས།

18

ད་ལྟའི་སྡོད་གནས།

བོན་གཞིས། Bonshi

ཕ་ཡུལ།

སྦྲ་ཆེན། Dra-chen

ལོ་རྒྱུས་ཆ་ཚང་།

ཕྱི་ལོ་ ༡༩༨༠ ཟླ་བ་ ༦ ཚེས་ ༡༥ ཉིན་ཌོ་ལན་ཇི་བོན་གཞིས་ཐོབ་རྒྱལ་གསར་པར་སྐྱེས་ཤིང༌། ཆུང་དུས་ནས་ཌོ་ལན་ཇི་བོན་ གཞིས་ཉིན་སློབ་དང་། དེ་ནས་རིམ་བཞིན་སྤོན་ཊ་གཏན་སློབ་བཅས་སུ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༧ ལོར་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དྲུང་ནས་གཡུང་དྲུང་བོན་གྱི་ཨ་ཁྲིད་སྔོན་འགྲོ་འབུམ་དགུ་བསགས་སྦྱང་དང་འཕོ་ཁྲིད་གདམས་པ་སོགས་ཞུས་པ་མ་ཟད། གཡུང་དྲུང་བོན་གྱི་དགེ་བཤེས་མཁས་དབང་རྣམས་ཀྱི་དྲུང་ནས་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་སོགས་ཀྱི་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༡༢ ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གསོ་རིག་སྡེ་ཚན་གྱི་སྐབས་དང་པོའི་ཞང་བོད་གསོ་རིག་སྐུ་མཉེའི་སྐོར་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ བར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དངུལ་གཉེར་བྱས། རང་ལོ་ཉེར་ལྔ་སོན་མཚམས་ཌོ་ལན་ཇི་བོན་གཞིས་ས་གནས་འཐུས་མིར་འོས་འདེམས་བྱུང་དོན་བཞིན། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་དངུལ་གཉེར་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་ཚོགས་མི། ཕྱི་ལོ་ ༢༠༡༢ ལོར་ཚོགས་གཙོའི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ལས་ཁུར་ཞུས། གཞན་ཡང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང༌། ས་གནས་རང་བདེན་ཚོགས་ཆུང་གི་རྩིས་པ། བོད་ཀྱི་བོན་པོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སོགས་ཀྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༡༦ ལོར་སྐབས་ ༡༦ པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་། ད་ཆ་བོད་ཀྱི་བོན་པོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩིས་པའི་འགན་ཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

འོས་མི་ཡོངས་ལ་ལོག