Dawa Tashi
འོས་ཁུངས།
ཆོལ་ཁ། - མདོ་སྨད།
ད་ལྟའི་ལས་གནས།
18
འོས་བསྡུའི་ལོ།
2025-2026
སྐབས།
18
ད་ལྟའི་སྡོད་གནས།
སྦེལ་ཀོབ། Bylakuppe
ཕ་ཡུལ།
བླ་བྲང་། Labrang
ཅིའི་ཕྱིར་སྐབས་འདིའི་གྲོས་ཚོགས་ཀྱི་འོས་མིར་ལང་ངམ། ༸གོང་ས་མཆོག་གི་བཀའ་དགོངས་ལ་ཤར་སྐྱོད་ཀྱིས་བོད་དང་བོད་མིའི་ལས་དོན་བསྒྲུབ་ཆེད། ༸གོང་ས་མཆོག་གིས་༸སྐུ་ཚེ་ཧྲིལ་པོ་འཛམ་གླིང་སྤྱི་དང་ཁྱད་པར་དུ་བོད་དང་བོད་མིའི་བདེ་དོན་སླད་གཏོང་བཞིན་པའི་བཀའ་དྲིན་དག་གསབ་ཐུབ་ཐབས་མེད་ ཀྱང་ཆཤས་ཆུང་ངུ་ཞིག་ཀྱང་གཞལ་ཐུབ་པའི་ཕྱིར་ད་བར་དུ་སོ་སོའི་སྤྱི་ཚོགས་ཀྱི་ནང་ཤེས་འཇོན་ལ་དཔག་པའི་ལས་འགན་ལྷག་བསམ་གང་ཡོད་ཀྱིས་ བསྒྲུབས་པ་དང༌། འོས་འདེམས་བྱུང་ཕྱིན་གོ་སྐབས་ལྷག་པར་དུ་བླངས་ཏེ། ༸ཁོང་གི་བཀའ་དགོངས་བཞིན་བོད་དང་བོད་མིའི་ལས་དོན་བསྒྲུབ་རྒྱུ། བོད་མིའི་ན་གཞོན་གསོ་སྐྱོང་། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་བཅུ་ཕྲག་བདུན་མིན་ཙམ་སོང་ཡང་བཙན་བྱོལ་དུ་ཇི་ཙམ་གྱར་མིན་རྟོགས་དཀའ་བས། གལ་ཏེ་མི་རིགས་ཤིག་གསོན་ པོར་གནས་དགོས་ན་ཤེས་ཡོན་གྱི་སྟེང་ནས་མི་རིགས་གསོ་སྐྱོང་ལ་ཤུགས་གནོན་རྒྱག་དགོས་པ་ལ་གདམ་ག་མེད་པས། ང་ཚོའི་མ་འོངས་བོད་ཀྱི་སོན་རྩ་གཞོན་ སྐྱེས་རྣམས་སུ་བོད་ཀྱི་རིག་གཞུང་གཙོ་བོར་གྱུར་བའི་དེང་རབས་ཀྱི་ཤེས་ཡོན་ཚད་ལྡན་འབྱུང་ཐབས་ཀྱིས་མ་འོངས་པའི་བོད་དང་བོད་མི་རིགས་གསོན་པོར་ གནས་ཕྱིར་སོ་སོའི་མི་རིགས་གོང་མ་གོང་མ་རྣམས་ཀྱི་རྗེས་ཟིན་པ་ཞིག་ལ་འབད་རྒྱུ། མི་རིགས་ཆིག་སྒྲིལ། སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་ནང་འཁུལ་གྱི་འཆམ་མཐུན་མེད་ན་ལས་དོན་ཆེ་ཕྲ་གང་ལའང་བསྒྲུབ་རྒྱུར་དཀའ་ངལ་ཆེ་ བས༑ ང་ཚོའི་བོད་མིའི་སྤྱི་ཚོགས་ཀྱི་ནང་འཆམ་མཐུན་ནམ་རྡོག་རྩ་ཆིག་སྒྲིལ་གོང་མཐོར་འབྱུང་ཐབས་ལ་འབད་རྒྱུ། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆ་རྐྱེན་ལེགས་ཤོས་དེ་ལམ་དབུ་མ་ཡིན། བོད་རྒྱའི་དཀའ་རྙོག་གསལ་ཐབས་ལ་མེད་དུ་མི་རུང་བའི་ལམ་མམ་བོད་མིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་དུས་དང་ སྐབས་ལ་འཚམས་པ་དེ་ལམ་དབུ་མ་ཡིན། ལངས་ཕྱོགས་འདི་ལ་བརྟེན་ནས་ད་བར་དུ་འཛམ་གླིང་ནང་གྲུབ་འབྲས་ཆེན་ པོ་བྱུང་ཡོད་ཅིང་བོད་རྒྱའི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་བཟང་ཤོས་ཀྱང་དེ་ཉིད་ཡིན་པས་རང་ཉིད་ཀྱི་ནུས་པ་གང་ཡོད་སྤུང་རྒྱུ། བོད་མིའི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ། མི་རིགས་ཤིག་འཇིག་རྟེན་འདིར་གསོན་གནས་དགོས་ན་དེའི་སྐད་ཡིག་ལ་བདག་གཅེས་གཙོ་བོར་དགོས་པ་སྨོས་མེད་ཡིན་ ལྷག་པར་རང་ཡུལ་རྒྱ་དམར་གྱིས་ བཟུང་ཞིང་ངོས་རྣམས་ཡུལ་གྱར་དུ་གནས་པས་ང་ཚོར་ལས་འགན་ཧ་ཅང་ལྕི་མོ་ཞིག་ཡོད་པ་ནི། སོ་སོའི་མི་རིགས་འདི་འཇིག་རྟེན་འདིའི་སྒང་དུ་གསོན་ གནས་དགོས་པ་ལ་དཀའ་ངལ་དང་ལེན་བྱེད་རྒྱུ་ཡིན་པས། སྐད་ཡིག་གཉིས་ལ་བདག་གཅེས་དགོས་པ་ཡིན་པ་དང་། དེ་ལ་བརྟེན་པའི་ཆོས་དང་རིག་གཞུང་མི་ ཉམས་གོང་སྤེལ་གྱིས་བོད་མིའི་རིག་གཞུང་གི་ཁྱད་ཆོས་ལྡན་པའི་བོད་མི་ཞིག་གསོ་སྐྱོང་དགོས་པ་ཡིན། བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་མགྲིན་ཚབ་པ་ཞིག་ཆགས་ཐབས། བོད་ཀྱི་ལོ་རྒྱུས་ཀྱི་ནང་བོད་དང་བོད་མིར་དཀའ་ངལ་ཆེ་ཤོས་དེ་བོད་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ལས་བྱུང་སྟེ་ ད་ཆ་ང་ཚོའི་མི་རིགས་འདི་གསོན་འཇིག་གི་ མཚམས་ལ་སླེབས་ཡོད་པས་བོད་མི་མི་རེ་ངོ་རེ་ནས་སོ་སོའི་མི་རིགས་ཀྱི་ལས་འགན་སྒྲུབ་དགོས་པ་དང་། ལྷག་པར་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་ན་བོད སྤྱི་པའི་མི་ཞིག་ཆགས་ཀྱི་ཡོད་པས། བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མ་ནོར་བའི་སྟེང་ནས་བོད་གཞིས་བྱེས་གཉིས་ཀྱི་ མགྲིན་ཚབ་པ་ཞིག་ཏུ་འགྱུར་རྒྱུའི་འབད་འབུང་ཚེ་སྐྱེད་ཞུ་རྒྱུའོ།།