སྤྱི་འཐུས་འོས་མི། སྔ་མ།
ཀུན་དགའ་དཔལ་འབྱོར།

ཀུན་དགའ་དཔལ་འབྱོར།

Kunga Paljor

འོས་ཁུངས།

ཆོལ་ཁ། - མདོ་སྟོད།

ད་ལྟའི་ལས་གནས།

དགེ་རྒན། Teacher

འོས་བསྡུའི་ལོ།

2025-2026

སྐབས།

18

ད་ལྟའི་སྡོད་གནས།

སྦེལ་ཀོབ། Bylakuppe

ཕ་ཡུལ།

ཏྲེ་ཧོར། Tehor

ལོ་རྒྱུས་ཆ་ཚང་།

༄༅། །སྐབས་བཅོ་བརྒྱད་པའི་སྤྱི་འཐུས་འོས་མི་ཀུན་དགའ་དཔལ་འབྱོར་བདག་གི་ལོ་རྒྱུས་སྙིང་བསྡུས། དེ་ཡང་གཞི་རིམ་སློབ་གྲྭ་ (CST) ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་མཐར་ཕྱིན་པ་དང་། དེ་རྗེས་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་བཞིའི་རིང་མཐོ་རིམ་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༢༠༢༤ ལོར་མཐར་ཕྱིན། མཐོ་སློབ་འགྲིམ་པའི་སྐབས་སུ་སྤྱི་ཚོགས་ཞབས་ཞུ་དང་འགོ་ཁྲིད་ཀྱི་ལས་དོན་ཁག་ལ་ཧུར་ཐག་ཞུགས། གཞན་ཡང་ཁོར་ཡུག་དང་བླངས་ཚོགས་པ་དང་། ས་རཱ་གཞོན་ནུ་རུ་ཁག་ནང་ཞུགས་ཏེ་ལོ་བཞིའི་རིང་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབས། ལོ་གཅིག་རིང་ཚོགས་པ་གཉིས་ཀའི་འགོ་ཁྲིད་ཀྱི་འགན་ཁུར་ཏེ་བྱེད་སྒོ་དང་སྒྲིག་འཛུགས་སོགས་ལ་ལྟ་རྟོག་ནན་པོ་བྱས། ཕྱི་ལོ་ ༢༠༢༥ ལོར་སཾ་བྷོ་ཊ་བོད་སློབ་ཁྱབ་ཁོངས་ (CVP) ནང་དང་བླངས་བོད་ཡིག་དགེ་རྒན་གྱི་ལས་འགན་ཟླ་བ་གཉིས་ཙམ་ཞུས་ཏེ། སློབ་མ་ཚོའི་བོད་ཀྱི་སྐད་ཡིག་ཆུ་ཚད་དང་རིག་གཞུང་གོ་རྟོགས་སྲ་བརྟན་གཏོང་ཐབས་ལ་འབད་པ་གང་ཡོད་བྱས། དེང་སྐབས་སེ་རའི་སློབ་གྲྭའི་འཛིན་རིམ་ལྔ་པའི་སློབ་མ་ཁ་ཤས་ལ་སྐབས་སྐབས་སུ་སློབ་ཁྲིད་བྱེད་བཞིན་པ་བཅས་སོ།།

འོས་མི་ཡོངས་ལ་ལོག