Tenzing Chimey Nuba
འོས་ཁུངས།
ལྷོ་བྱང་ཨ་རི།
ད་ལྟའི་ལས་གནས།
དགེ་རྒན་ཟུར་པ།
འོས་བསྡུའི་ལོ།
2025-2026
སྐབས།
18
ད་ལྟའི་སྡོད་གནས།
ལྷོ་ཀེ་ལི་ཕོར་ནི་ཡ། South California
ཕ་ཡུལ།
སྟོད་ཤེལ་དཀར། Toe-Shelkar
ཤེས་ཡོན། M.A., B.Ed./ California Teacher’s Credential ཆེད་ལས་ཉམས་མྱོང་དང་སྤྱི་ཚོགས་ཞབས་ཞུ། ༡༽ རྒྱ་གར་བོད་སློབ་ཁག་ཏུ་ལོ་ངོ་ ༡༢ དང་ཨ་རི་གཞི་རིམ་སློབ་གྲྭ་ཆེན་མོའི་དབྱིན་ཇིའི་དགེ་རྒན་ལོ་གྲངས་ ༡༧ ལྷག་བྱས་ཤིང་། ༢༽ གཞོན་ནུ་དབུས་རྒྱུན་ལས་པའི་འགན་ཁུར་ལོ་དུས་གཅིག་དང་མ་སུ་རི་བུ་ཁྱིམ་ཡིག་ཚང་དུ་རོགས་ཚོགས་དབྱིན་དྲུང་གི་འགན་ཁུར་ཞུས་ཡོད། ༣༽ ༡༩༩༠ ནས་བཟུང་ལོ་གཉིས་སྤར་སིལ་དང་དེ་ནས་ལྷོ་ཀེ་ལི་ཕོར་ནི་ཡར་ཡོད་པའི་སེར་སྨད་ཆོས་ཚོགས་ཀྱི་གསུང་སྒྱུར་བྱེད་མུས། ༤༽ ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་འགན་ཁུར་ལོ་དུས་ཚར་གཉིས་དང་ ༢༠༡༧ ནས་བཟུང་གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་ཕ་མ་ཚོར་ཟབ་སྦྱོང་སྤྲོད་མུས་དང་། ། གཞན་ཡང་། རྒྱ་གར་ན་ཡོད་པའི་རྡ་ས་བུ་ཁྱིམ་དང་། སྰ་ར་མཐོ་སློབ། ཝ་ར་ཎ་སི་མཐོ་སློབ་ཏུ་ཡང་ཟབ་སྦྱོང་ཕུལ་ཡོད། ༥༽ ༢༠༡༨ ལོར་འབྲིང་རིམ་བོད་གཞུང་སློབ་གྲྭའི་དབྱིན་ཇིའི་བསླབ་གཞི་རྩ་འཛིནབཟོ་འགོད་ཚོགས་ཆུང་གི་ཚོགས་གཙོའི་འགན་ཁུར་ཞུས། སྤྱི་འཐུས་ལ་ལངས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། གཤམ་གསལ་དཀའ་རྙོག་ཅན་གྱི་གནད་དོན་རྣམས་སེལ་ཐབས་བྱེད་རྒྱུ་ནི་དམིགས་ཡུལ་གཙོ་བོར་འཛིན་གྱི་ཡོད། ༡༽ བོད་ཡིག་བོད་སྐད་མི་ཉམས་རྒྱུན་འཛིན་གྱི་དཀའ་རྙོག། ༢༽ དེབ་ལྗང་གུ་དང་འབྲེལ་བའི་དཀའ་རྙོག། ༣༽ ཕྱི་རྒྱལ་ན་ཡོད་པའི་བོད་མིའི་མི་འབོར་དང་སྤྱི་འཐུས་གྲངས་ཚད་ཀྱི་མཐུད་མཚམས། ༤༽ བབྱུང་འགྱུར་བོད་མིའི་སྒྲིགས་ཚུགས་དང་མི་རིགས་གསར་བའི་མདུན་ལམ། ༥༽ བོད་ཀྱི་དཀའ་རྙོག་སེལ་ཐབས་རམ་འདེགས།