Geshe Lobsang Chophel
འོས་ཁུངས།
ཆོས་བརྒྱུད། - དགེ་ལུགས།
ད་ལྟའི་ལས་གནས།
18
འོས་བསྡུའི་ལོ།
2025-2026
སྐབས།
18
ད་ལྟའི་སྡོད་གནས།
རྡ་ས། Dharamshala
ཕ་ཡུལ།
དིང་རི། Dhingri
➤ ཕྱི་ལོ་ ༡༩༨༣ ལོ་མགོར་རྡ་སྟེང་བོད་ཁྱིམ་དུ་སློབ་འཇུག་གི་འཛིན་རིམ་བརྒྱད་པ་བར་སློབ་སྦྱོང་བྱས། ➤ ཕྱི་ལོ་ ༡༩༩༠ ལོ་ མཇུག་ཏུ་རང་མོས་ཀྱི་གདན་ས་ཆེན་པོ་སེ་ར་སྨད་གྲྭ་ཚང་དུ་ཆོས་སྒོར་བཞུགས། ➤ ཕྱི་ལོ་ ༢༠༠༥ ལོར་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ནས་བཀའ་རམས་དང་སློབ་དཔོན། ➤ ཕྱི་ལོ་ ༢༠༡༠ ལོར་དགེ་བཤེས་ལྷ་རམས་པ་ཐོན། ➤ ཕྱི་ལོ་ ༢༠༡༡ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ལོ་གཅིག་རིང་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱས། ➤ ཕྱི་ལོ་ ༢༠༡༢ ནས་ཕྱི་ལོ་ ༢༠༡༦ བར་ལོ་ངོ་བཞི་རིང་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློན་གཉེར་ཁང་དུ་ནང་ཆོས་དང་ལྟ་གྲུབ་སློབ་དཔོན་གྱི་ཞབས་ཕྱི་ཞུས། ➤ དེ་རྗེས་སེར་སྨད་ཐོས་བསམ་སློབ་གྲྭའི་གྲྭ་མངས་ཡོངས་ནས་སློབ་སྤྱིར་འདེམས་ཐོན་བྱུང་བ་བཞིན་ལོ་ངོ་གསུམ་རིང་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱིའི་ལས་འགན་ཞུས། ➤ ཕྱི་ལོ་༢༠༢༠ ལོ་མགོར་ནས་ད་བར་ལོ་ངོ་དྲུག་རིང་རྡ་ས་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་རིག་གནས་དང་ལྟ་གྲུབ་སློབ་དཔོན་གྱི་ལས་འགན་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།