སྤྱི་འཐུས་འོས་མི། སྔ་མ།
བློ་བཟང་ལུང་རྟོགས།

བློ་བཟང་ལུང་རྟོགས།

Lobsang Lungtok

འོས་ཁུངས།

ཨོ་གླིང་དང་ལྷོ་ཤར་ཨེ་ཤ་ཡ།

ད་ལྟའི་ལས་གནས།

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། President, National Australian Tibetan Community Association

འོས་བསྡུའི་ལོ།

2025-2026

སྐབས།

18

ད་ལྟའི་སྡོད་གནས།

ཨོ་གླིང་། Australia

ཕ་ཡུལ།

མདོ་སྨད། Dhomey

ལོ་རྒྱུས་ཆ་ཚང་།

➤ ཕྱི་ལོ་ ༡༩༧༥ ལོར་བོད་མདོ་སྨད་རེབ་གོང་དུ་སྐྱེས། ལོ་བདུན་ནས་བཟུང་སློབ་གྲྭར་འགྲོ་འགོ་ཚུགས་པ་དང་། སློབ་འབྲིང་མཐར་ཕྱིན་རྗེས་རེབ་གོང་རོང་བོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས། དེ་གར་ལོ་ངོ་དྲུག་ལྷག་རིང་བོད་ཀྱི་རིག་གནས་ཀུན་ལ་སྦྱངས་པ་བྱས། ༡༩༩༥ ལོར་བོད་རང་དབང་སྐོར་གྱི་ཡིག་ཆ་སྦྱར་འགྲེམས་བྱས་པར་བརྟེན་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་དང༌། བཙོན་ཁང་ནང་མནར་གཅོད་ཚད་ལས་འདས་པ་མྱངས་རྗེས་༡༩༩༧ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ➤ ༢༠༠༡ ལོ་ནས་བཟུང་ཨོ་སི་ཀྲོ་ལེ་ཡར་ནང་མི་གཞིས་སྤོར་བྱས། འདི་གར་མཐོ་སློབ་ནང་ལོ་གཉིས་རིང་དབྱིན་ཡིག་དང། ལོ་གཅིག་རིང་སྐད་བསྒྱུར་སྐོར་སློབ་གཉེར་བྱས་རྗེས། དབུས་གཞུང་དང་མངའ་སྡེ། ས་གནས་བཅས་ལ་སྐད་བསྒྱུར་བྱས་ཆོག་པའི་ལག་འཁྱེར་ཐོབ། ➤ ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ བར། རྡ་རམ་ས་ལར་རྟེན་གཞི་བྱས་པའི་༼བོད་གནས་ཁྱབ་སྤེལ་ཁང་༽དུ་བོད་དོན་ཉམས་ཞིབ་དང་གསར་འགོད་པའི་ལས་ཀ་བྱས། ➤ ཕྱི་ལོ་ ༢༠༠༤ ནས་ ༢༠༠༨ བར། སི་ཌི་ནིའི་བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་དང་བོད་ཡིག་སློབ་གྲྭའི་འབྲེལ་མཐུད་པ། བོད་དོན་ལྷན་ཁང་དུ་དང་བླང་སོགས་བྱས་པ་དང༌།བོད་རིགས་མཐུན་ཚོགས་ཆེད་རིག་གཞུང་གི་ལས་འགུལ་སྣ་མང་སྤེལ། ➤ ཕྱི་ལོ ་༢༠༠༦ ནས་ ༢༠༠༨ བར། བོད་མིའི་གསར་འཕྲིན་<<རྒྱང་འབོད་>>བོད་དབྱིན་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དང་། ཆབ་སྲིད་བཙོན་པའི་ལོ་རྒྱུས་དབྱིན་ཡིག<<སྒྲ་གཅན་གྱི་ཟིན་པའི་ཟླ་གཞོན།>>ཞེས་པ་རྩོམ་སྒྲིག་བྱས། ➤ ཕྱི་ལོ་ ༢༠༡༠ ནས་ ༢༠༡༥ བར། ཁོན་སི་ལེན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ནིའུ་ཁ་སལ་བོད་རིགས་ཚོགས་པའི་དྲུང་ཆེ། ༢༠༡༥ ལོར་ས་གནས་ནིའུ་ཁཱ་སལ་གྱི་ཚོགས་གཙོར་འདེམས་ཐོན་བྱུང་། ➤ ཕྱི་ལོ་ ༢༠༡༤ ནས་ ༢༠༡༦ བར། བོད་དོན་ལྷན་ཁང་གི་(ATC) འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བྱས། ➤ ཕྱི་ལོ་ ༢༠༡༦ ནས་ ༢༠༢༥ བར། དཔེ་དེབ་རྩོམ་སྒྲིག་དང་རྩོམ་བསྒྱུར <<རྒྱ་ནག་གདམ་ཀ>>དང་<<ཞིབ་འཇུག་སྒྱུ་རྩལ།>><<ཞི་བདེའི་འོད་སྣང་།>>དེ་བཞིན་ས་གནས་བོད་མི་རྣམས་ལ་འགྲིམ་འགྲུལ་དང་འཕྲོད་བསྟེན། ཤེས་ཡོན། ཁྲིམས་ལུགས་སོགས་ལས་རིགས་འདྲ་མིན་དང། ལྷག་པར་བོད་མི་སུམ་བརྒྱ་ལྷག་ལ་རླངས་འཁོར་ཤེས་ཡོན་ཡིག་ཚད་ཀྱི་སྐད་བསྒྱུར་བྱས། ➤ ཕྱི་ལོ་༢༠༢༥ལོར སྐབས་བརྒྱད་པའི་ས་གནས་ནིའུ་ཁ་སལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་ཀྱིས་བོད་རིགས་མཐུན་ཚོགས་ཀྱི་ལས་དོན་ཡོངས་ལ་འབད་མུས་ཐོག བོད་དོན་ཁྱབ་བསྒྲགས་དང་ཞུ་གཏུགས་ཀྱི་ལས་ཀར་རང་ནུས་གང་ཡོད་འདོན་བཞིན་པ་བཅས་སོ།།

འོས་མི་ཡོངས་ལ་ལོག