Kelsang Youdon
འོས་ཁུངས།
ཆོལ་ཁ། - དབུས་གཙང་།
ད་ལྟའི་ལས་གནས།
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ། Former Vice President, Central Tibetan Women's Association
འོས་བསྡུའི་ལོ།
2025-2026
སྐབས།
18
ད་ལྟའི་སྡོད་གནས།
རྡ་ས། Dharamshala
ཕ་ཡུལ།
སྤུ་ཧྲེང་། Phurang
བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་ལན་མང་བསྒྲུབས་མྱོང་བ་དང་། ཕྱི་ལོ་༡༩༩༤ ནས་ཕྱི་ལོ་༡༩༩༧ བར་བཞུགས་སྒར་རྡ་རམ་ས་ལ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་ས་གནས་དྲུང་ཆེ་དང་། ཕྱི་ལོ་༡༩༩༧ ནས་ཕྱི་ལོ་༢༠༠༠ བར་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དངུལ་གཉེར་གྱི་ལས་འགན་འཁུར། ཕྱི་ལོ་༢༠༠༠ ནས་ཕྱི་ལོ་༢༠༠༣ བར་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སླར་ཡང་དངུལ་གཉེར་གྱི་ལས་འཁུར་ཞུས། ཕྱི་ལོ་༢༠༡༢ ནས་ ཕྱི་ལོ་༢༠༡༥ བར་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཞོན་གྱི་ལས་འགན་ཞུས་ཡོད། ཕྱི་ལོ་ ༢༠༠༦ ནས་ཕྱི་ལོ་༢༠༠༩ བར་བཞུགས་སྒར་རྡ་རམ་ས་ལ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་ཞུས། ཕྱི་ལོ་༢༠༡༢ ནས་ལོ་གཅིག་དང་ཕྱེད་ཀར་སླར་ཡང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༥ ནས་ཕྱི་ལོ་ ༢༠༡༨ བར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་གི་མཐུན་འབྲེལ་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་༢༠༡༨ ནས་ཕྱི་ལོ་༢༠༢༡ བར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་གྱི་ལས་འཁུར་ཞུས། ཕྱི་ལོ་༢༠༢༣ ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་ཚོགས་གཙོའི་ལས་འགན་དང་བཞུགས་སྒར་རྡ་རམ་ས་ལ་ས་གནས་འཐུས་ཚོགས་ཀྱི་ལས་འཁུར་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།