Gonpo Dhondup
འོས་ཁུངས།
ཆོལ་ཁ། - དབུས་གཙང་།
ད་ལྟའི་ལས་གནས།
བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར། Former President, Tibetan Youth Congress
འོས་བསྡུའི་ལོ།
2025-2026
སྐབས།
18
ད་ལྟའི་སྡོད་གནས།
ལ་དྭགས་བསོད་ནམས་གླིང་། Ladakh
ཕ་ཡུལ།
མངའ་རིས། Ngari
སློབ་སྦྱོང་གི་བརྒྱུད་རིམ། བཙན་བྱོལ་དུ་སྐྱེས་ཤིང་ལ་དྭགས་བོད་ཁྱིམ་དང་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭ་གཉིས་ནས་གཞི་རིམ་སློབ་མཐར་སོན་རྗེས། ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་ཀི་རོ་རི་མཱལ་མཐོ་སློབ་ནས་ཆབ་སྲིད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། ཨོ་པི་ཇིན་དཱལ་གོ་ལོ་བྷལ་(O.P Jindal Global University) གཙུག་ལག་སློབ་གཉེར་ཁང་ནས་འཛིན་སྐྱོང་སྲིད་བྱུས་ཐོག་ཆེས་མཐོའི་གཙུག་ལག་རབ་འབྱམས་པའི་ (Master) སློབ་སྦྱོང་བྱས། ལོ་རྒྱུས། གཞི་རིམ་སློབ་གྲྭར་འགྲིམས་སྐབས་བོད་ཁྱིམ་སློབ་གྲྭ་ཁག་གསུམ་དུ་སློབ་གྲྭའི་རྒན་བདག་དང། མཐོ་རིམ་སློབ་གྲྭའི་སྐབས་རོ་ཧི་ནི་ས་གནས་གཞོན་ནུའི་དྲུང་ཆེ་དང་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་སློབ་ཕྲུག་ཚོགས་ཆུང་གི་ཚོགས་གཙོ། གཞན་ཡང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་ཀི་རོ་རི་མལ་མཐོ་སློབ་ཀྱི་ཕྱི་རྒྱལ་སློབ་ཕྲུག་ཚོགས་ཆུང་གི་རིག་གཞུང་འགན་འཛིན་དང་ཚོགས་གཙོ་བཅས་ཀྱི་ཉམས་མྱོང་དང་། ཕྱི་ལོ་ ༢༠༡༩ ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པའི་ཐོག་ཚོགས་གཙོར་འདེམས་ཐོན་བྱུང་ནས་གཞོན་ལྷན་གྱི་ལོ་རྒྱུས་ཐོག་ཚོགས་གཙོ་ལོ་ན་ཆུང་ཤོས་དང་། ཕྱི་ལོ་ ༢༠༢༢ ལོར་ཚོགས་ཆེན་ཐེངས་ ༡༨ པའི་ཐོག་བསྐྱར་དུ་ཚོགས་གཙོར་འདེམས་ཐོན་གྱིས་སྐབས་གཉིས་བསྟུད་མར་དང་དུས་ཡུན་ལོ་ངོ་དྲུག་གི་རིང་ཚོགས་གཙོའི་ལས་ཁུར་ཞུས།